Follow by Email

Saturday, November 28, 2009

མཐའ་འཇུག་གི་ལོ་ཟླ། (མའོ་ཀྲུའུ་ཞི་ཡི་ཟུར་བསྟེན་ཆུང་མ་ཞིག་གླེང་བ། འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་རྒྱ་ཡིག་ནས་བོད་བསྒྱུར་བྱས།

མའོ་ཀྲུའུ་ཞི་ལ་འཐམ་ནས་ཁོང་གི་མཐའ་འཇུག་གི་ལོ་ཟླ་ལ་ཕེབས་སྐྱེལ་བྱེད་མཁན་དེ་སུ་རེད་དམ? ཁོང་བགྲོད་ཟིན་པའི་ལམ་བུ་རུ་ཚེ་སྲོག་འདོམ་པས་མཇལ་མཁན་དེ་སུ་ཡིན་ནམ? རེད་ཡ།ཁོ་མོ་རེད། མུག་མེད་ཡུན ། ཁོ་མོ་ནི་མི་སེར་དཀྱུས་མ་ཞིག་རེད།གལ་ཏེ་ཁྱེད་ཅག་གིས་མུག་མེད་ཡུན་ཟེར་བའི་གྲགས་འགུལ་མེད་པའི་མིང་དེ་ཤེས་པར་འདོད་ན།༡༩༧༦ལོའིཟླ་༩ཚེས་༡༣ཉིན་གྱི་ཚགས་པར་ལ་ལྟོས་དང་།ཁྱེད་ཀྱིས་མའོ་ཀྲུའུ་ཞི་ཡི་ཞབས་ཞུ་བ་དང་བདེ་འཇགས་མི་སྣ་ཡི་མིང་གཞུང་ཁྲོད་ནས་རྙེད་ངེས་རེད།མུ་མེད་ཡུན་ཞེས་པའི་མིང་དེ་མིང་གཞུང་གི་མཐའ་མར་གསལ་ཡོད།ཁོ་མོར་ལས་གནས་ཀྱི་མིང་ཅི་འདྲ་འདོགས་ཀྱང་།དབང་ཤུགས་ཆེ་བའི་མི་སྣ་དེའི་དཔོན་ཤུགས་འོག་ཏུ་མའོ་དང་མཉམ་དུ་ཉིན་མཚན་སྦྲེལ་ནས་ཁྱོན་ཉིན་ཞག་༤༨༩ཙམ་བསྐྱལ་དགོས་བྱུང་། ཁོ་མོ་ནི་མའོ་ཡི་དགུང་ཁའི་སྐྱེལ་མ་མཁན་དང་།མའོ་ཡི་ཆེས་ཙོག་པའི་རྣམ་ཐར་གྱི་དཔང་པོ་རེད། རེད་།རེད་ཡ་།འདི་ལྟར་ཤ་ཚ་འོས་པའི་མི་སེར་དཀྱུས་མ་ཞིག་མའོ་ཡི་གམ་དུ་ཇི་ལྟར་ལེན་པ་ཡིན་ནམ། དྲག་ཤུགས་རེད་དམ།ཡང་ན་?

དྲན་ཐོའི་ཤོག་ལྷེབ་ཟིན་བྲིས་ལས་བདམས་ནས་བོད་བསྒྱུར་བྱས་།

Thursday, November 26, 2009

འོད་སྣང་གིས་བསླངས་པའི་གླེང་བརྗོད།

དྭངས་གཙང་ཆུ་ཤེལ་དཀར་པོའི་ཚང་མལ་དུ།
ལྕི་བའི་གླུ་སྒྲས་ཏིང་འཛིན་མལ་ལས་དཀྲོགས།།
མདུད་ནག་དགུ་བརྩེགས་ཐེབས་པའི་རྨི་ལམ་གྱིས།།
ཐལ་སྐྱས་མཐར་ཤན་རྒྱན་པའི་མདོ་རོང་དུ།།
མུན་པའི་རྒོལ་ཚོགས་འཇོམས་པའི་འགན་འཁྲི་སྤྲོད།།


གོ་ལ་ཕྱིར་འཁོར་རྒྱག་པའི་རླུང་འཚུབ་ཁྲོད།།
མཆོད་མེས་བཙན་འཛུལ་བྱ་བར་དགོད་བྲོ་ཡང་།།
ཉི་ཟླ་གོ་ལྡོག་འཆར་བའི་མུན་གླིང་ནང་།།
སྨག་བའི་ཧར་སྒྲ་རྒོད་པའི་ཐལ་འཚུབ་ཁྲོད།།
འཚེར་འབར་མར་མེའི་རིན་ཐང་ད་གཟོད་རྟོགས།།

འགུལ་བསྐྱོད་ཡོད་ཚད་འཛུམ་ཀོང་ནང་དུ་བསྡུས།།
འཛུམ་ཀོང་ནང་ནས་སྣ་ལྔའི་འོད་བཀྱེད་དེ།།
སྔོ་ལྗང་འཆི་ལམ་འདེད་པའི་རླུང་འཚུབ་ཀྱི།།
དུས་བཞིར་གནས་མལ་བཟུང་བའི་བའི་མྱ་ངམ་ཐང་།།
སེར་པོའི་གསེར་མདོག་འབར་བའི་ཕ་སར་བསྒྱུར།།

དགོད་སྒྲས་མཚན་མོར་བརྒལ་བའི་སྙིང་སྟོབས་འདི།།
རྟག་པའི་འཛུམ་གྱིས་བསྐྲུན་པའི་དཔེ་གསར་ཉིད།།
གསར་བྱུང་འགྲམ་ཆུ་སྡང་པའི་འདབ་ཆགས་ཁྱུས།།
ཟླ་ངོགས་བཞག་པའི་རྐང་པའི་རྗེས་དེད་ནས་།།
རྟག་པའི་འཛུམ་ཀོང་རྒྱབ་ཀྱི་གསང་བ་འཚོལ།།

དགོད་འཛུམ་གནས་ལུགས་རྙེད་པའི་མི་བུ་ཚོས།།
ཁྱེད་ཁྱེད་ཉིད་ལྡེ་མིག་སྤྱོད་ཅིང་ལྡེ་མིག་སྒོམ།
།བདེན་གྲུབ་སྲོག་ཤེད་དར་བའི་སྒོ་མང་འབྱེད།།
འོདསྣང་གསལ་ལེ་འཁྱིལ་བའི་མར་མེའི་ངོགས།།
ཁྱེད་ཀྱི་དགོད་འཛུམ་མུན་ཁྲོད་མིག་སྔར་འགྲེལ།།


ཁྱེད་ཉིད་གང་བསྐྱོད་དགའ་བའི་ཐལ་སྒྲ་རྣམས།།
རྟག་པའི་འཛུམ་ཀོང་ལས་བཏུས་འོད་སྣང་ཡིན།།
ཁོ་བོ་གང་བསྐྱོད་རྒོལ་བའི་ཅོ་སྒྲ་རྣམས།།
ཁྲོ་གཉེར་གསུམ་བརྩེགས་བར་གྱི་ཐལ་རྡུལ་ཡིན།།
འདི་ལྟར་ཁྲོ་འཛུམ་གཉིས་ཀྱིས་ཁྱེད་གཉིས་དབྱེ།